Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །གསུམ་གཙང་གཙང་མར་མཛད་པའི་མགོན་དེ་ལ།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །གསུམ་གཙང་གཙང་མར་མཛད་པའི་མགོན་དེ་ལ།
[Clear Hits]

 
previousབླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར། next

བླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར།

༄༅། །བླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར། བླ་མ་ཕྱག་འཚལ་ལོ། །ཟག་བཅས་ཕུང་ལྔ་ལས་འདས་པའི། །ཟག་མེད་དེ་བཞིན་ཉིད་ཀྱི་གཤིས། །དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །རང་བཞིན་རྫོགས་པ་ཆེན་པོ་སྟེ། །བློ་ཡིས་དཔྱོད་པའི་ཡུལ་མིན་ཡང་། །མོས་གུས་ཚད་དུ་གྱུར་བ་ལ། །དོན་བརྒྱུད་བྱིན་རླབས་འཕོས་པའི་མཐུས། །རྟོག་བྱ་རྟོག་བྱེད་གཉིས་འཛིན་གྱིས། །རྣམ་ཤེས་སྤྱོད་ཡུལ་ལས་བརྒལ་བའི། །གཉིས་མེད་ཡེ་ཤེས་ཟབ་མོ་ཡིས། །མཐོང་མེད་ཚུལ་གྱིས་མཐོང་བ་ལ། །ལྟ་བ་རྟོགས་ཞེས་མིང་དུ་བཏགས། །ངོ་བོ་སྟོང་པས་རྟག་མཐའ་གྲོལ། །རང་བཞིན་གསལ་བས་ཆད་མུ་སངས། །གཉིས་སུ་བཏགས་ཀྱང་གཉིས་འཛིན་གྱི། །མཚན་མ་རང་སར་གྲོལ་བའི་གཤིས། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་གྲོལ་འགྱུར་བས། །སྒོམ་མ་མྱོང་ལ་འབྲལ་མ་མྱོང་། །མི་སྒོམ་དོན་དང་མ་བྲལ་བའི། །ཅོག་བཞག་ཆེན་པོར་ལ་བཟླས་ན། །སྒོམ་པ་གོམས་ཞེས་དེ་ལ་བྱ། །ཡེ་ནས་གྲོལ་བའི་ཆོས་ཉིད་ལ། །བསྐྱར་གྲོལ་རེ་ལྟོས་འཆིང་དོར་ནས། །གང་ཤར་རང་གྲོལ་ཆེན་པོའི་གདེང་། །འཆའ་ལ་སྤྱོད་པ་སྐྱོང་ཞེས་བྱ། །རིག་པ་སྐུ་བཞིར་ཡེ་གནས་པ། །རང་བབས་ཆེན་པོའི་རྣལ་འབྱོར་གྱིས། །མ་དག་ལས་རླུང་འཁྲུལ་སེམས་བཅས། །རང་སངས་ཡེ་རླུང་སྐུར་སྨིན་པར། །འབྲས་བུ་ཐོབ་ཅེས་བཏགས་པ་ཙམ། །མདོར་ན་གཞི་ལམ་འབྲས་བུའི་ཆོས། །ཀུན་ཀྱང་བློ་ཡིས་བཏགས་པ་སྟེ། །ཡང་དག་དོན་ལ་རྣམ་དབྱེར་མེད། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དེ། །བློ་བྲལ་ཆེན་པོར་འགག་སྡོམ་འཚལ། །དེ་སྐད་དམ་པའི་བཞེད་སྐོང་དུ། །ལྷ་ཡུལ་དཔག་བསམ་ལོ་རྒྱུས་བཞིན། །རང་ལ་མེད་ཀྱང་རྣ་ཐོས་ཀྱིས། །ཅུང་ཟད་ངེས་རྣམས་ཞུས་པ་ལགས། །དགེ་བས་བདག་དང་ཁྱེད་ལ་སོགས། །དོན་མཐུན་གཅིག་ཏུ་འཚོགས་པ་རྣམས་། །འཕོ་ཆེན་ཡེ་ཤེས་བྱིན་རླབས་ཀྱིས། །མྱུར་དུ་སྨིན་པའི་རྒྱུ་རུ་བསྔོ། །ཞེས་པའང་བླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར། རྣམ་པར་རྒྱལ་བའི་མིང་གིས་བྲིས་པ་དགེ།


previousབླ་མ་དམ་པ་ཀུན་བཟང་རྡོ་རྗེའི་བཞེད་ངོར། next